དོན་འབྲས་དེ་ནི་ དབང་རྫོང་གསར་བཞེང་གི་ཀུན་རེ་འདི་ ཕྱི་གྲུབ་ནང་གྲུབ་ཚར་མི་འདི་དང་འབྲེལ་ འབྲུག་མི་ཚུ་ཉིན་མ་ལཱ་འབད་བའི་དུས་ཚོད་ཁར་ ཀུན་རེ་མཇལ་བར་འོང་དོ་ཡོདཔ་ལས་ ལཱ་འབད་སའི་ས་ཁོངས་ནང་རྡོ་དང་ཤིང་ཐབས་ཤོར་ཏེ་རེག་ནིའི་ཉེན་ཁ་ཡོདཔ་ལས་ ཕྱིན་ཕྱད་ད་ལས་ཕར་ ཀུན་རེ་མཇལ་ནི་བློ་འདོད་ཡོད་མི་ཚུ་ དབང་འདུས་རབ་སྡེ་དང་འབྲེལ་བ་མཛད་དེ་ ཉིན་མ་ཆུ་ཚོད་ ༡༢:༠༠ ལས་ ༠༡:༣༠ ཚུན་ཚོད་ ལཱ་འབད་མི་ཚུ་ཉིན་མའི་ལྟོ་གཏངམ་ད་བྱོན་གནང་ཟེར་ཞུ་ནི་དང་ གཞན་ཕྱི་མི་ཚུ་དང་བལྟ་བཤལཔ་ཚུ་འབད་བ་ཅིན་ ནང་སྲིད་དང་སྲོལ་འཛིན་ལྷན་ཁག་ལས་དམིགས་གསལ་གྱི་གནང་བ་མེད་པ་ཅིན་ ཀུན་རེ་མ་ཚད་ རྫོང་བཟོ་སྐྲུན་འབད་སའི་ས་ཁོངས་ནང་ཡང་བྱོན་མི་ཆོག་ཟེར་ཞུ་ནི་ཨིན།

བྱ་སྟབས་མ་བདེཝ་འཐོན་མི་འདི་ལུ་འབྲེལ་ཡོད་ཡོངས་ཀྱིས་ ཐུགས་ཀྱི་བཟོད་པ་བཞེས་གནང་ཟེར་ཞུ་ནི་ཨིན།